top of page

༄༅། །རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ།
International Nyingma Foundation
༄༅། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ སྒྲར་གྲགས་བདེ་ཆེན་སྔགས་སུ་དག༔
དྲན་རྟོག་འོད་གསལ་ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔


བྱོན་པ་ལེགས་སོ།།
༄༅། །རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ་ཚོགས་པ་ནི། རྒྱལ་བསྟན་སྤྱི་དང་། ཁྱད་པར་བོད་བརྒྱུད་ནང་བསྟན། སྒོས་སུ་མཚོ་སྐྱེས་རྒྱལ་པའི་བསྟན་པ་རིན་པོ་ཆེ། བོད་རིག་པ། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཞབས་འདེགས་རྒྱ་མི་ཆུང་བ་བསྒྲུབ་རྒྱུར་དམིགས་ཏེ། ཁེ་ན་ཌར་བོད་རྒྱལ་ལོ་ ༢༠༤༩ ཟླ་བ་ ༢ ཚེས་ ༤། ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༥ རེས་གཟའ་མིག་དམར་ཉིན་དེབ་བསྐྱེལ་ཞུས་པའི་ཁེ་མེད་ཚོགས་པ་ཞིག་ཡིན།

འདི་ལོའི་མཛད་རིམ།
༄༅། །རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ་ཚོགས་པས། འདི་ལོའི་ནང་བཀའ་ཁྲིད་དང་དབང་བསྐུར། དེ་བཞིན་ཚོགས་འཁོར་སོགས་བརྩམ་འཆར་གྱི་ལས་གཞི་ཆེ་ཁག་གཤམ་གསལ།
bottom of page



